作词 : 花旦泽毛作曲 : 仁多尔མེས་པོརལ་བའི་སྣེ་མོ་རླུང་གིས་སྒུལ་ཡངདཔུང་བ་རྗེན་པ་ཉི་མས་འཚིག་༼ཚིག༽རུངཉི་ཟླའི་གཟེགས་མ་སྒུམ་པའི་མི་ཕོགངས་ཀྱི་ཞུན་མ་འཐུང་བའི་མི་རིགསབུ་ཞིག་སྐྱེས་ན་ལྷ་བསང་གཏོང་སབུ་ཡི་རླུང་རྟ་དགྲ་ལྷར་བཅོལ་སདུང་སང་སང་རི་ནས་བོས་ནོཁྱོད་བུ་ཞིག་གི་སྐྱེས་པའི་རྟགས་རེདཕ་ཡུལ་གྱི་གངས་རིའི་རྩེ་དགུའིདབུ་རྨོག་གནམ་ལ་རེག་ཀྱངཨམ་བཙུགས་ཡང་ཡང་བརྡམས་ནསའབྲོང་གི་ཟེ་བ་རུ་བསྙེགས་དུསང་ཡི་མེས་པོ མེས་པོའི་བློ་ཁོགསརྟ་གཤོག་ཐོགས་་ཤིག་གི་ཚེ་ལམ་རེད །བགྲུད་བཞུད་རྩུབ་པོའི་ཀྱག་ཀྱོག་གི་ལམ་ནསདབུ་ཡི་ཞྭ་མོ་རླུང་གིས་འཁྱེར་ཡངརྐང་ཆུང་གཉོམ་པོའི་རྗེས་རྟིང་མ་ནོརསྤྱན་ཟུང་ལམ་ལ་འཇིག་རྟེན་ཆུད་ཡོདམུན་ནག་ལ་སྒྲོན་མེ་བཏགས་ཤིང་།གཞུང་ཆེན་པོའི་གླེགས་བམ་བརྩིགས།ང་ཚོར་ཚེ་སྲོག་གནང་ཞིང་།ཚེ་སྲོག་གངས་ལ་གཏད།བོད་མིའི་གདངས་ལ་འཁྱིལ། གསལ་བྱེད་སུམ་ཅུའི་འོད་སྣང་འདི།དུས་མཐའི་སྨག་རིམ་འཇོམས་བྱེད་རེད།བུ་ལ་སྤོབས་པ་བསྩོལ་བྱེད་རེད། མེས་པོ་དམ་པའི་འཕྱང་འཕྲུལ་རེད།རྒྱུད་འཛིན་གངས་ཕྲུག་ང་ཚོའི་དབུ་ཡི་བྲོག་ཞུ་ཡིན།མེས་པོའི་སྤྱན་རྒྱ།མཐའ་བཞིར་བསྲིངས་པའི་ཞི་བདེ་རྒྱ་མཚོ་ཡིན།གནའ་མི་བོད་ཀྱི་བཤད་སྲོལ་ལ།སྲིད་པ་རྒན་པོའི་ཁ་དཔེ་ལ།ཕ་དམ་པའི་རུས་རྐང་གསེར་གྱིས་བརྒྱན་མི་ཐུབ་རུང་།སྐྲ་དཀར་པོ་སྐྱི་སེར་རླུང་ལ་མི་བསྐུར་ཟེར།